Sunday, December 28, 2008
Friday, December 26, 2008
Wednesday, December 17, 2008
གསོན་ལུས་དང་མ་བྲལ་བའི་འཆི་སྟངས་དེས
སུ་ཞིག་གི་བྲང་ཁོག་དུམ་བུར་གཏུབ་སྟེ
དམྱལ་ཁམས་གང་རུང་ཞིག་ཏུ་བརྫངས་བས
སྨྲེ་སྔགས་གིས་ས་གཞི་ཁེབས་པའི་འཇིག་རྟེན་འདིར
ཚེར་མ་ཁོ་ན་ངའི་མལ་སྟན་དུ་ལྷག
དེའི་ཕྱིར་གོ་རིམ་དང་གནས་ལུགས་འཆོལ་བའི
ཁོར་ཡུག་ཅིག་གི་ངོ་གདོང
ང་དང་ང་ལྟ་བུའི
མི་བུ་འགའ་ཞིག་གི་སེམས་གཅོང་ལས་ཆི་ཡང་མ་མཆིས།
འོན་ཀྱང་ལས་དབང་གི་བཀོད་སྒྲིག་གིས
ངེད་ཚོ་ད་དུང
ཆེས་སྤྱིར་བཏང་གི་འཚོ་བ་ཞིག་གི་སླད་དུ
ཁོར་ཡུག་འདིས་བཙོན་མ་མི་བྱེད་ག་མེད་རེད།
སུ་ཞིག་གི་བྲང་ཁོག་དུམ་བུར་གཏུབ་སྟེ
དམྱལ་ཁམས་གང་རུང་ཞིག་ཏུ་བརྫངས་བས
སྨྲེ་སྔགས་གིས་ས་གཞི་ཁེབས་པའི་འཇིག་རྟེན་འདིར
ཚེར་མ་ཁོ་ན་ངའི་མལ་སྟན་དུ་ལྷག
དེའི་ཕྱིར་གོ་རིམ་དང་གནས་ལུགས་འཆོལ་བའི
ཁོར་ཡུག་ཅིག་གི་ངོ་གདོང
ང་དང་ང་ལྟ་བུའི
མི་བུ་འགའ་ཞིག་གི་སེམས་གཅོང་ལས་ཆི་ཡང་མ་མཆིས།
འོན་ཀྱང་ལས་དབང་གི་བཀོད་སྒྲིག་གིས
ངེད་ཚོ་ད་དུང
ཆེས་སྤྱིར་བཏང་གི་འཚོ་བ་ཞིག་གི་སླད་དུ
ཁོར་ཡུག་འདིས་བཙོན་མ་མི་བྱེད་ག་མེད་རེད།
ལོ་ཟླ་མུན་པས་ཟོས་པའི་མྱ་ངན་ཐང་ནས།།
ཨུ་ཚུགས་རྡོ་ལ་བྲིས་པའི་གྲངས་ཀ་མང་ཡང་།།
རེ་བ་ཆུ་ཤིང་སྙིང་བོའི་དཔེ་རུ་གོ་བས།།
མིག་འོད་དྭངས་མོ་སྡུག་གི་མཆི་མས་ཟགས་སོང་།།
ནམ་ཟླ་དགུན་ལ་སླེབས་པའི་ཚོར་སྣང་ཟབ་མོས།།
མི་རྐྱང་སེམས་པ་རལ་བའི་ལས་དབང་ཁ་ལ།།
སེམས་སོང་བྱམས་པས་བསྐྱུར་བའི་བཟི་ཁ་སྐྱུར་བོས།།
སྙིང་ལ་གས་ཆག་ཤོར་བའི་གྲངས་ཚོད་མི་འདུག།
མི་ལ་མི་སེམས་བྲལ་བའི་གཤིས་ལུགས་ཤིག་གིས།།
གཏན་གྱི་འདུན་མར་མུན་པའི་ལྕགས་ཟྭ་བརྒྱབ་པས།།
ངུར་སྨྲིག་འོད་ངོགས་འཚོ་བའི་ཁ་དོག་སྣུམ་པོར།།
སྐྱ་ཟད་སྔོ་རྡིབ་དུས་ཀྱི་རོལ་དབྱངས་གྲགས་སོང་།།
ད་ནི་རེ་བའི་མིག་འོད་རྡུལ་གྱིས་གཡོགས་སོང་།།
ནང་གི་སྐྱོ་བའི་ཟབ་ཚད་ཕྱི་རུ་ཤར་སོང་།།
སྒྱུ་མའི་བསླུ་བྲིད་ཤར་བའི་ཁོར་ཡུག་རྫོབ་པོར།།
རེ་བའི་ཡི་ག་ཆད་ནས་ཕྱི་ལ་འཁྱམས་འགྲོ།།
ཨུ་ཚུགས་རྡོ་ལ་བྲིས་པའི་གྲངས་ཀ་མང་ཡང་།།
རེ་བ་ཆུ་ཤིང་སྙིང་བོའི་དཔེ་རུ་གོ་བས།།
མིག་འོད་དྭངས་མོ་སྡུག་གི་མཆི་མས་ཟགས་སོང་།།
ནམ་ཟླ་དགུན་ལ་སླེབས་པའི་ཚོར་སྣང་ཟབ་མོས།།
མི་རྐྱང་སེམས་པ་རལ་བའི་ལས་དབང་ཁ་ལ།།
སེམས་སོང་བྱམས་པས་བསྐྱུར་བའི་བཟི་ཁ་སྐྱུར་བོས།།
སྙིང་ལ་གས་ཆག་ཤོར་བའི་གྲངས་ཚོད་མི་འདུག།
མི་ལ་མི་སེམས་བྲལ་བའི་གཤིས་ལུགས་ཤིག་གིས།།
གཏན་གྱི་འདུན་མར་མུན་པའི་ལྕགས་ཟྭ་བརྒྱབ་པས།།
ངུར་སྨྲིག་འོད་ངོགས་འཚོ་བའི་ཁ་དོག་སྣུམ་པོར།།
སྐྱ་ཟད་སྔོ་རྡིབ་དུས་ཀྱི་རོལ་དབྱངས་གྲགས་སོང་།།
ད་ནི་རེ་བའི་མིག་འོད་རྡུལ་གྱིས་གཡོགས་སོང་།།
ནང་གི་སྐྱོ་བའི་ཟབ་ཚད་ཕྱི་རུ་ཤར་སོང་།།
སྒྱུ་མའི་བསླུ་བྲིད་ཤར་བའི་ཁོར་ཡུག་རྫོབ་པོར།།
རེ་བའི་ཡི་ག་ཆད་ནས་ཕྱི་ལ་འཁྱམས་འགྲོ།།
Wednesday, December 10, 2008
མེ་ཕུང་དང་འུ་ཅག་གི་ལྷན་མཛོམས།
མེ་ཕུང་ལས་མཛའ་བརྩེའི་སྐོར་བྲོ་འཁྲབ་དུས།
ང་ཚོ་སྟེ་ལས་དབང་གི་ཆང་ཁ་ནས་འཛོམས་པའི་ཆང་འཐུང་བ་ཚོ
ཀོ་ཁུ་དང་དགོད་གཏམ་ཁོ་ནར་རོལ་བ་ཅི་འདྲའི་སྐྱིད་ཨང་།
མེ་འོད་ལ་སེམས་པ་ཁེན་ནས
སྐྱོ་སྣང་གི་ཟབ་སར་འཛུལ་དུས
ཁྱེད་ཀྱི་སྐྱོ་གྲོགསཐར་ཐོར྄་གྱི་སྡོང་ལོ་དང་
ཁྱེད་ཀྱི་འཚོ་རོགས་ནམ་མཁའི་སྐར་ཚོགས་ལགས།
Tuesday, December 9, 2008
Saturday, December 6, 2008
Tuesday, November 18, 2008
Friday, November 14, 2008
Thursday, November 13, 2008
ཁྱེད་གྱི་སླད་དུ།
དུང་སེམས་མེ་ཏོག་དམར་པོ།།
སྙིང་ནས་སྐྱེས་སུ་བཏེགས་ཡོད།།བྱམས་པའི་འཛུམ་ཞལ་ཁྱེར་ནས།།མེ་ཏོག་ལེན་དུ་ཕེབས་ཤོག།ནམ་ཐུན་གཉིད་ལ་བཅོལ་ནས།།དབུ་ལོ་སྔས་ལ་བཞག་ཀྱང་།།བྱམས་པའི་འཛུམ་ཞལ་དྲན་ནས།།སྐྱ་རེངས་དང་བོ་ཤར་སོང་།།དུང་བ་ཆུ་ལ་མ་བཏབ།།སྲ་བརྟན་བྲག་ལ་བསྐོས་ཡོད།།འཆི་བའི་དུས་ཆད་མིན་ན།།བསུབ་བློ་སེམས་ལ་མི་འཁོར།།སྤྲིན་པ་ཡར་ཡར་འགྲོ་དུས།།རླུང་བུ་མར་མར་གཡུགས་སོང་།།རྩྭ་ལྗང་ལོ་མའི་སྙན་ལ།།འབྲུག་སྐད་ཞོག་ས་མ་རེད།།


Monday, November 10, 2008
Friday, November 7, 2008
Subscribe to:
Posts (Atom)