Sunday, October 26, 2008

ཁྱེད་སོང་ཤུལ་དུ་བར་སྣང་དང་ས་གཞི་སྟོང་བ་རེད།

མཐའ་ཡས་པའི་རྒྱ་མཚོ་དང་གསེར་མདོག་གི་ཉི་འོད་
ད་དུང་
ལང་ཚོ་ཞིག་གི་རོལ་དབྱངས་
ཡོད་ཚད་དྲན་གདུང་གི་སྣོན་པ་ལས་ཅི།
འོན་ཀྱང་
ལསསྔོན་ཀྱི་བཀོད་སྒྲིགས་ལས་སུ་ཞིག་
རྒྱང་དུ་བཀྱེད་ཐུབ།

ཕྱིར་དྲན་རྐང་རྗེས་རེ་རེ།།
ལོ་དང་ཟླ་བར་བྲིས་པས།།
སེམས་ཀྱི་ལོག་མལ་ནང་དུ།།
སྐྱོ་བའི་ཁ་བ་བབ་སོང་།།
མཚམས་སྤྲིན་ཁ་དོག་བོར་ནས།།
ས་ མཐའི་རི་ལ་ཆས་པ།།
གཏན་གྱི་ཕུགས་འདུན་ཡིན་ཡང་།།
སེམས་པ་བསྲེགས་པའི་མེ་རེད།།


གསེར་མདོག་རྒྱ་ཕུབ་འོག་ནས།།
སེམས་པ་ཕྱི་ལ་འཁྲེང་བས།།
འདབ་དྲུག་མེ་ཏོག་ལང་ཚོ།།
སྐྱོ་བའི་རླུང་གིས་ཁུར་སོང་།།


ཁྱེད་ངུར་སྨྲིག་གིརུམ་ཁ་ནས་འཕུར་ཉིན་ནས

གནས་འདི་ལ་ཁ་བ་བབ་སོང

ཁ་བ་བརྟུལ་མར་བབ་པས་

སྲིན་བྱའི་དགོང་ཚོགས་ལས

ང་དང་ངའི་ཁོར་ཡུག་གི་ནག་ཉེས་གླེང

གླེང་གླེང་བའི་མཐར་ ངས་ད་གཟོད་

མ་ཚེའི་གོད་ཆག་འཁུར་མཁན་ཚོ་དྲང་བདེན་ཡིན་པ་ཚོར།


རྒྱ་མཚོའི་རླབས་རིས་དང

ཁྱེད་ཀྱི་གྲིབ་གཟིགས་ནི

བདག་གི་ནམ་མཁའ་དང་ས་གཞིའི་མཛེས་སྡུག་ཏུ་གླེང་ཆོག

འོན་ཀྱང

མེ་ཏོག་གི་རུམ་ཁར་འཕུར་བའི་ཁྱེད

ད་ལྟ་འཇིག་རྟེན་གཞན་ཞིག་གི་བདག་པོར་གྱུར་འདུག་སྐད

ངའི་ཁོར་ཡུག་དང་ཧ་ཅང་ཐག་རིང་དུ་གྱུར་འདུག

ང་ཚོ་ཡང་བསྐྱར་འདི་ལྟར་འཛོམས།

རེ་བ་ཁྲི་ཕྲག་གི་ཕ་རོལ་ནས
ང་ཚོས་རྨི་ལམ་ཞིག་གླེང་སྟེ
ཆང་འཐུང་སྐོར་ཞིག་གི་མིང་བྱང་རྙེད།
དེ་རིང་ཡང་བསྐྱར་ང་ཚོ་འདི་ལྟར་འཛོམས་ཏེ
རྒྱུས་མེད་ཀྱི་ཡུལ་ལུང་ཞིག་ན
ཅི་འདྲའི་སྐྱིད་ཨང་།


ད་དུང་ང་ཚོ་གསོན་དགོས་པས་

ཁ་དོག་འདི་དང་རྨི་ལམ་འདི་ལས་
ཅིས་ཀྱང་མདུན་དུ་སྐྱོད་དགོས།

ཕ་མ་དང་ཡུལ་ལུང་བྲལ་བའི
ང་ཚོ་སྟེ།
ཕུག་རོན་སྐོར་ཞིག
སྐྱུར་ལ་ཁ་བའི་འཚོ་བ་འདི་ལས་སྡོད་དགོས་ཀྱང
གང་ལྟར་ཕུགས་མདུན་ལ་འོད་སྣང་བྱུང་ཚེ
ཅི་ལ་སྐྱོ།





ཁེརརྐྱང་གི་མངའ་ཐང་སྲུང་བའི་ཆང་འཐུང་བ

སེམས་པ་བྲག་ཐོ་འདིར་ཁེན་ནས
སུ་ཞིག་གི་བརྩེ་བར་སྒུག་ཡོད།



ཉིན་མོ་འདིར

ང་ཚོ་ཅི་འདྲའི་སྐྱིད་ཨང
ནམ་ཞིག་ལ་ཡང་བསྐྱར་
ང་ཚོ་སྔར་ལྟར་འབྲལ་དགོས་བྱུང་ཚེ
མིག་ཆུ་མི་གཏོང་རོགས།

ལྷན་འཛོམས་ཀྱི་ཉིན་མོ།






































































ངུར་སྨྲིག་གི་ཞིང་ཁམས།











རྒྱང་བཞུད་པའི་མི་ཚེ།
















སྔོ་ལྗང་གི་འཇིག་རྟེན།

ང་དང་གྲོགས་པོ་ཚོ།





hsggf

དགའ་སྐྱོ་ཟུང་འབྲེལ་གྱི་མི་ཚེའི་བརྒྱུད་རིམ་ལས་
ངས་ཅི་ཞིག་བོར་་ཟིན་པ་འམ་
ཡང་ན་ཅི་ཞིག་རྙེད་བྱུང་བས
ཡོད་ཚད་རྨི་ལམ་ལྟར་ ་་་་་










གྲོགས་པོ་
བརྩེ་སེམས་་ཀྱི་ཆང་ཁ་ལས་
རྙེད་པའི་ཡིད་འོང་གི
ནོར་བུ།
སྙིང་རྗེ་བའི་ཁྱེད
ངའི་འཇིག་རྟེན་གྱི་བདག་པོར་གྱུར་བ་ནས་བཟུང་
འཚོ་བ་ལ་དྲོད་ཁོལ་མེད་ཀྱང
ངའི་རྨི་ལམ་ལ་ཁ་དོག་ལོས་ཡོད་
དེའི་ཕྱིར་ངས་ནམ་ཡང
ཁྱེད་ཁོ་ན་བདག་ཏུ་འཛིན་ན་འདོད།
ཕྱི་ནང་མི་གསལ་བའི་འཇིག་རྟེན
འདིར་ཁྱེད་ཀྱིས་སུ་ཞིག་གི་སླད་དུ
ངོ་གདོང་ལ་མུན་པ་བསུས་ཏེ་སྡོད་དགོས་
ཨ་གླེན་པའི་བུ
རང་ཉིད་ཀྱི་མདུན་ལམ་ལ་གསེར་ཆུ་བྱུགས་རོགས།

Saturday, October 25, 2008

ངའི་ཕ་ཡུལ།


ཁེར་རྐྱང་གི་ནམ་མཁའ
ཁེར་རྐྱང་གི་ལྗོན་ཤིང
ཁེར་རྐྱང་གི་མི་ཚེ།

Friday, October 24, 2008

ངའི་འཇིག་རྟེན།

སེམས་པ་དམར་བོ