Sunday, March 15, 2009





Monday, March 9, 2009

སེམས་ཀྱི་སྙན་ངག་ཟད་པོ་རླུང་གིས་རལ་སོང་།།
ལང་ཚོའི་མེ་ཏོག་སྣུམ་པོ་དུས་ཀྱིས་ཁྱེར་སོང་།།
ཅང་མེད་བྱེ་ཐང་འགྲིམ་པའི་ཆང་འཐུང་སྨྱོན་པ།།
གྲོགས་ལ་འཁྲེང་བ་སྐུར་བཞིན་རྒྱང་ན་ལྷག་འདུག།

སེམས་པ་སེམས་པའི་བར་ཀྱི་བརྩེ་བ་ཟབ་མོ།།
དགུ་ཚིགས་ཐིགས་རིས་དེད་ནས་ཁྱེད་ལ་འཁོར་ཡོད།།
ཤ་སྐམ་རིས་པ་གྱོང་བའི་གཟིགས་རིས་བཙོག་ཀྱང་།།
ནང་གི་ཚོར་བ་སྔོན་གྱི་མལ་དུ་གཟིམ་ཡོད།།

བདག་འཛིན་འཁྲི་བ་གཅོད་པའི་ཤེས་རབ་མེད་ཕྱིར།།
ཕྱོགས་རིས་རླབས་ཀྱི་སེམས་པ་ཤུགས་ཀྱིས་འཕྱོ་འདུག།
རིས་སྐམ་པགས་པའི་ལྕིབ་ནས་མ་འཐོར་བར་དུ།།
བདག་ནི་ཁྱེད་ཚོར་ཞེན་པ་ཆོད་ཐབས་མི་འདུག།




Sunday, March 8, 2009









Saturday, March 7, 2009








འཇིག་རྟེན་འཚོ་བའི་ལམ་ཁ་རེ་རེ་ཉུལ་ནས།།

ལོ་ཟླའི་ཤོག་ལྷེ་མང་བོའི་གྲངས་ཀ་བརྩེགས་ཀྱང་།།

བྱིས་དུས་འཇའ་ཚོན་གསལ་བའི་རི་མོ་སྣུམ་པོ།།

དྲང་འཛིན་གཙང་པོའི་ངོགས་ན་འོད་དུ་འཚེར་འདུག།

ལོ་ཚོད་ཡོད་བའི་རི་མོ་ཐོད་དུ་བབས་ཤིང་།།

ལང་ཚོའི་ཚིགས་རིས་རེ་རེ་འཁྱོག་པོར་གྱུར་ཀྱང་།།

སློག་པའི་འདབ་ཁས་ཤིང་གཤོག་དྲུད་པའི་ལོ་རྒྱུས།།

ཡ་ཆུང་སེམས་ནས་ནམ་ཡང་བརྗེད་པ་མི་འདུག།

ཁ་དོག་དམར་བོའི་འཇིག་རྟེན་རྒྱང་དུ་བསྐྱུར་ཏེ།།

ན་ཆུང་མེ་ཏོག་ཚལ་ལ་སྨོན་ལམ་བཏབས་ཀྱང་།།

གྲོགས་ཀྱི་བརྩེ་བ་ཟབ་མོའི་རྒུན་ཆང་དྭངས་མོ།།

ནམ་ཡང་བརྗེད་པ་མ་གནང་སྙིང་གི་གྲོགས་པོ།།