Sunday, April 12, 2009































གླེན་པའི་བུ་དག

མེ་ཏོག་གི་སྐྱེ་འཇིག་ལས་
ང་ཚོ་་་་་་་་་་་
འཚོ་བའི་གྲུ་ཟུར་ཞིག་ཏུ་ལྷག་ཏེ་རང་ཉིད་ཀྱི་ཡོད་ཚད་
མེ་རུ་བསྲེགས་མྱོང་།
འོན་ཀྱང་མི་ཡུལ་འདི་་་་
འདི་ལྟར་བཙོན་ར་ཞིག་ཏུ་སྔར་ནས་བསྐྲུན་མེད་ན་
ང་ཚོ་ལའང་་་
ང་ཚོར་དབང་བའི་འཇིག་རྟེན་ཞིག་ཅི་ལ་མེད།
ཨ་གླེན་པའི་བུ་དག
ཕྱི་ནང་གི་གསང་བ་ཡོད་ཚད་
ཆུ་རུ་བཞུར་བས་
ང་ཚོས་ཀྱང་མུན་དོང་ལས་ངུ་འབོད་བྱས་ཏེ་སྡོད་པ་ལས་
སྙན་ངག་གི་ཤུགས་གླུ་ཞིག་བླངས་ན་གང་ལ་འགལ།
ཨ་གླེན་པའི་བུ་དག
ཡར་ལ་ལོངས་ཤིག

Saturday, April 11, 2009